《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་》སློབ་སྦྱོང་དང་དྲིལ་བསྒྲགས་མཐར་ཕྱིན་པ་ཡོང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་དོན་འཁྱོལ་ཡོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་གཏོང་བ། ཡོན་མིང་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཡིག་དཔེ་རྙིང་དང་པར་རིས་རྒྱུ་ཆ་ལས་མངོན་པའི་ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་འགྲེལ་བརྗོད་ཡང་དག་བྱེད་པ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིག་གཞུང་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཟང་པོ་གཏོང་ཆེད། ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་ཁབ་གཙུག་ལག་སློབ་གླིང་གི་ནུབ་བརྒྱུད་ལོ་རྒྱུས་སྐད་ཡིག་ཞིབ་འཇུག་ཚན་པ་དང་། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་གནས་ནང་དགོན་གནའ་དཔེ་ཁང་གཉིས་མཉམ་འབྲེལ་ཐོག །ཡོན་མིང་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཡིག་དཔེ་རྙིང་དང་པར་རིས་ལས་མངོན་པའི་མི་རིགས་འབྲེལ་འདྲིས་ལོ་རྒྱུས་ཀྱི་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་དེ། སྤྱི་ལོ༢༠༢༦ལོའི་ཟླ༨ཚེས༩ཉིན་ནས་ཚེས༡༡ཉིན་བར་བོད་ལྗོངས་ལྷ་སར་འཚོག་རྒྱུ་ཡིན།
为深入学习宣传贯彻《中华人民共和国民族团结进步促进法》,落实新时代党的治藏方略,深化中华民族共同体历史研究,系统挖掘和阐释元明清时期藏文文献、图像资料所蕴含的中华民族交往交流交融历史事实,进一步推动相关领域学术交流与合作,中国人民大学国学院西域历史语言研究所联合西藏自治区古籍保护中心乃朗寺古籍馆,将于2026年8月09日至11日在西藏拉萨举办第四届“元明清藏文文献、图像所见民族交流史研讨会”。
ཐེངས་འདིའི་རིག་གཞུང་ཚོགས་འདུར་ཡོན་མིང་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཡིག་དཔེ་རྙིང་དང་། པར་རིས་རྒྱུ་ཆ་ལས་མངོན་པའི་མི་རིགས་འབྲེལ་འདྲིས་ཀྱི་ལོ་རྒྱུས་སྐོར་བརྗོད་བྱ་གཙོ་བོར་བཟུང་སྟེ། བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་། པར་གཞིའི་འབྱུང་ཁུངས། ཆོས་བརྒྱུད་ཁག་གི་ཡིག་ཚང་། ལོ་རྒྱུས་ས་ཁམས། པར་རིས་ཤུལ་བཞག །རྡོ་བརྐོས་ཡིག་ཚང་། ནང་བསྟན་ལྟ་དགོངས། སྐད་ཡིག་སྣ་མང་ཅན་གྱི་ཡིག་ཚང་། གྲངས་འཛིན་མི་ཆོས་རིག་པ་དང་བོད་ཡིག་དཔེ་རྙིང་རིག་ནུས་ཅན་གྱི་ལེགས་སྒྲིག་སོགས་ཀྱི་ཁ་ཕྱོགས་ཐད་ཞིབ་འཇུག་གི་གླེང་མོལ་གཟབ་རྒྱས་སྤེལ་འཆར་ཡོད། ཚོགས་འདུར་རྒྱལ་ནང་གི་འབྲེལ་ཡོད་ཚན་པ་ཁག་གི་ཆེད་མཁས་པ་དང་། དགོན་སྡེའི་སློབ་གཉེར་བ། ལོ་གཞོན་ཞིབ་འཇུག་པ། སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་བཅས་གདན་ཞུ་བྱས་ཏེ། རྒྱ་བོད་མི་རིགས་ཀྱི་རིག་གཞུང་སྤེལ་རེས་དང་། སྐྱ་སེར་དབར་གྱི་རིག་གཞུང་གྲོས་མོལ། རིག་ཚན་སྣ་མང་མཉམ་བསྲེས་ཀྱི་ཞིབ་འཇུག་བཅས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ལེགས་པར་བཤད་དེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་དཔྱད་འབྲས་གསར་ཤོས་དག་དཔྱོད་ལྡན་ཀུན་གྱི་མིག་ཡིད་རྣ་བའི་དགའ་སྟོན་དུ་བཤམ་རྒྱུ་ཡིན།
本届研讨会以元明清时期藏文文献、图像资料所见民族交流史为核心议题,围绕藏文古籍整理、版本源流、宗派文献、历史地理、图像遗存、碑刻文献、佛教思想、多语文献、数字人文与藏文古籍智能化整理等方向展开深入研讨。会议邀请国内相关领域专家学者、佛学院堪布、青年研究人员及高校研究生共同参与,旨在推动汉藏学术交流、僧俗学术对话与多学科交叉研究,进一步讲好中华民族共同体故事,展示相关领域最新研究成果。
ཚོགས་འདུའི་བརྗོད་དོན།
ཡོན་མིང་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཡིག་དཔེ་རྙིང་དང་པར་རིས་ལས་མངོན་པའི་མི་རིགས་འབྲེལ་འདྲིས་ཀྱི་ལོ་རྒྱུས་ཞིབ་འཇུག །
会议主题
元明清藏文文献、图像所见民族交流史研究
གཙོ་གཉེར་ལས་ཁུངས།
ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་ཁབ་གཙུག་ལག་སློབ་གླིང་གི་ནུབ་བརྒྱུད་ལོ་རྒྱུས་དང་སྐད་ཡིག་ཞིབ་འཇུག་ཚན་པ།
བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་གནས་ནང་དགོན་གནའ་དཔེ་ཁང་།
主办单位
中国人民大学国学院西域历史语言研究所
西藏自治区古籍保护中心乃朗寺古籍馆
ཚོགས་འདུའི་དུས་ཚོད།
སྤྱི་ལོ༢༠༢༦ལོའི་ཟླ༨ཚེས༩ཉིན་ནས་ཚེས་༡༡ཉིན་བར། (གཟའ་ཉི་མ་ནས་གཟའ་མིག་དམར་བར།)
会议时间
2026年8月09日—11日(周日至周二)
ཚོགས་འདུའི་ས་གནས།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར།
会议地点
西藏自治区拉萨市
会议议程
ཟུར་ཉན་ཐོ་འགོད།
旁听预约
ཐེངས་འདིའི་ཚོགས་འདུར་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་མཁས་དབང་། སློབ་གཉེར་བ་དང་སྤྲོ་བ་ཡོད་པའི་ཀློག་པ་པོ་རྣམས་ཕེབས་པར་དགའ་བསུ་ཞུ། ཚོགས་རའི་ཤོང་ཚད་ལ་ཚད་ཡོད་པའི་རྐྱེན་གྱིས་ཟུར་ཉན་མི་སྣས་སྔོན་ལ་ཐོ་འགོད་བྱ་དགོས། (ཚོགས་འདུའི་རིང་ཟས་སྡོད་འགྲོ་སོང་རང་གཉེར་བྱ་དགོས།)
本次会议欢迎相关领域专家学者、在校学生及有兴趣的读者预约旁听。因会场容量有限,旁听名额需提前预约,审核通过后方可入场。(会议期间食宿费自理)
མོས་པ་ཡོད་མཁན་རྣམས་ཀྱིས་འོག་གི་རྩ་གཉིས་ཨང་རྟགས་བཤེར་ནས་ཐོ་འགོད་གནང་ཆོག །
ཐོ་འགོད་ལེགས་འགྲུབ་བྱུང་རྗེས། དུས་ལྟར་ཚོགས་འདུར་ཞུགས་རོགས།
预约成功后,请以工作人员后续通知为准。未预约或未确认人员,原则上不安排入场。
联系方式 འབྲེལ་གཏུགས་གནང་ཡུལ།
联系人一:朱小昵 联系方式:13818906000
联系人二:泽让机 联系方式:17888844799
དང་པོ། ཀྲུ་ཞའོ་ཉིའི། ཁ་པར་ཨང་གྲངས། ༡༣༨༡༨༩༠༦༠༠༠
གཉིས་པ། ཚེ་རིང་སྐྱིད། ཁ་པར་ཨང་གྲངས། ༡༧༨༨༨༨༤༤༧༩༩
སྐབས་བཞི་པའི་“ཡོན་མིང་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཡིག་དཔེ་རྙིང་དང་པར་རིས་ལས་མངོན་པའི་མི་རིགས་འབྲེལ་འདྲིས་ཀྱི་ལོ་རྒྱུས་ཞིབ་འཇུག །”བཀོད་སྒྲིག་ཚོགས་ཆུང་ནས།
第四届“元明清藏文文献、图像所见民族交流史研讨会”组委会
༢༠༢༦ལོའི་ཟླ་༧པར།
2026年7月
སྒྲིག་སྦྱོར་པ། ཟླ་སྒྲོན།